ཀཱི་ལ་ཡ་འཆར་འགོད།
ངོ་སྤྲོད།

རང་ཉིད། | ངོ་སྤྲོད།
མེ་ཆར་རམ་ཀཱི་ལ་ཡ།
ཕྲན་གྱི་མིང་ལ་ཀཱི་ལ་ཡ་ཟེར་ཞིང་སྨྱུག་མིང་ལ་མེ་ཆར་དུ་འབོད། ཕ་ཡུལ་ཝ་ཤུལ་གསེར་རྟའི་ཕྱོགས་ཀྱི་འབྲོག་སྡེ་ག་གེ་མོ་ཞིག་ནས་མཚར་ལོང་བྱུང་བའི་འབྲོག་ཕྲུག་སྐྱེས་མ་ཞིག་ཡིན་ལ། བྱིས་དུས་ནས་འཚོ་བ་ཧ་ཅང་མཛེས་སྡུག་ལྡན་པ་དང་དཀའ་ངལ་མེད་མཁན་ཞིག་གཞི་ནས་མིན་ཡང་ཨ་ཕྱི་དང་ཨ་མའི་བདག་སྐྱོང་འོག་སྒེར་བཙུགས་སློབ་གྲྭར་ཞུགས་ནས་སློབ་སྦྱོང་གི་བསྐལ་བ་ལེགས་ཤོས་རྙེད། དགེན་གཙང་གངས་ལྷ་ལགས་ཀྱིས་སྙན་ངག་ཁྲིད་ཅིང་ཁོ་བོ་ཡང་དེ་ཉིད་འབྲི་རྒྱུ་དགའ་བོ་ཡོད་ཀྱང་ཡག་པོ་འབྲི་བ་ལ་གོ་རྟོགས་ཧ་ཅང་ཕྲ་བ་ཡིན། ལོ་ན་༡༢ཡས་མས་ནས་་བརྩེ་དུང་གི་པང་ཁུག་ནས་མནར་སོན་ལ་མནར་གཅོད་དང་གདུང་བ་བརྗོད་བྱ་བྱས་པའི་དཔེ་་དེབ་༼༢༠༡༦-༢༠༢༣བརྩེ་བའི་སྟངས་ཀ་ ༽ཞེས་པ་བྲིས་ཤིང་༢༠༢༦ལོར་དྲྭ་ལམ་སོ་སོར་ཁྱབ་སྤེལ་བྱས། བྱིས་དུས་སུ་བསམ་བློ་མང་པོ་ཞིག་མེད་ཅིང་མཉམ་མྱོང་དེ་ལས་ཀྱང་མེད་པར་རང་གིས་རང་ལ་ཟུང་རྟགས་རེ་འཆར་འགོད་བྱེད་ཁུལ་བྱས་པ་ཡིན། དེ་སྐབས་སུ་ཀཱི་ལ་ཡ་མི་ཟེར་ཞིང་མེ་ཆར་དེ་སྨྱུག་མིང་གཙོ་བོར་བཏོན་ནས་རྟགས་རེ་བཟོས། རྗེས་སུ་མིང་ལ་བསྒྱུར་བ་བཏང་སྟེ་མདོག་གསུམ་ཇུས་འགོད་ཅེས་ཀྱང་བཏགས་ཀྱང་རང་གི་ཡིད་ལ་ཚིམ་པོ་ཞིག་མེད་པས་ཀཱི་ལ་ཡ་འཆར་འགོད་ཅེས་བཏགས་ཤིང་ཟུང་རྟགས་ཀྱང་མིང་གཞི་ཀ་དང་དབྱིན་ཡིག་གི་Gགཙོ་བོར་བཏོན་ནས་རྟགས་མ་འཆར་འགོད་བཟོས་པ་ཡིན། ༢༠༢༢ཡས་མས་སུ་༼ ཤེས་བྱའི་ཁྱིམ་ ༽ཞེས་པའི་སྤྱི་སྟེགས་ཤིག་ཐོ་འགོད་བྱས་ལ་༼ ངག་གི་གདངས་དབྱངས་གྱེེར་འདོན་ ༽ འགྲན་བསྡུར་དང་སྙན་ངག་གི་རིན་མེད་འགྲན་བསྡུར་འགའ་སྤེལ། དྲྭ་ལམ་གློག་རྡུལ་དཔེ་དེབ་གཞོན་པའི་རྣམ་ཤེས་དང་གློག་རྡུལ་ཚགས་པར་སོགས་ཀྱི་དོ་དམ་པ་བྱས། ༢༠༢༣ཡས་མས་ཤིག་ལ་མགོ་ལོག་ཁུལ་རྨ་སྟོད་ཀྱི་རྒན་དགེ་འདུན་དར་རྒྱས་ལགས་ཀྱི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཚོགས་པ་༼ ཕྱོགས་ལས་རྣམ་རྒྱལ་གླིང་ ༽དུ་ཞུགས་ཤིང་ལས་གཞི་གཙོ་བོ་བརྙན་ཕབ་སྒྲིག་དང་ཇུས་འགོད་སོགས་ཀྱི་འགན་ཁུར། ༢༠༢༦ལོར་༼ ཀཱི་ལ་ཡ་འཆར་འགོད་ ༽ ཅེས་པའི་མིང་གཙོ་བོར་བཏོན་ནས་བྱ་རིམ་ཆུང་བ་དང་དྲྭ་ཚུགསབཟོས། ཞོར་དུ་༼ ཤེས་བྱའི་ཁྱིམ་ ༽ཞེས་པའི་རྩོམ་རིགས་དྲྭ་ཚུགས་ཤིག་བཟོས། ད་ལྟ་འཕྲིན་ཕྲན་དུ་༼ 格拉雅设计 ༽ ཞེས་འཚོལ་ཤེལ་བྱས་ན། ༡ ཀཱི་ལ་ཡ་བྱ་རིམ་ཆུང་བ། ༢ ཀཱི་ལ་ཡ་བརྙན་སྟེགས། ༣ ཀཱི་ལ་ཡ་སྤྱི་སྟེགས། ༤ཀཱི་ལ་ཞབས་ཞུ་སྟེགས་བུ་བཅས་འཚོལ་ཐུབ་ལ། དེ་བཞིན་འཁྱུག་དབྱངས་དང་མགྱོགས་འཕྲིན་པོད་འཕྲིན་སོགས་ཀྱི་ནང་ནས་ཀྱང་འཚོལ་ཐུབ། བདག་གི་ལས་གཞིའི་ཁྱབ་ཁོང་དུ་རྣམ་པ་གསུམ་སྟེ། ༡ འཆར་འགོད། ཕྱི་ཤོག་འཆར་འགོད། ཟུང་རྟགས་ཇུས་འགོད། བར་སྟོང་ཇུས་འགོད། ༢ རྩོམ་སྒྲིག དཔེ་དེབ་རྩོམ་སྒྲིག བརྙན་རིས་སྒྲིག་སྦྱོར། སྒྲ་སྒྲིག་སྦྱོར། ༣ གསར་སྤེལ། བྱ་རིམ་ཆུང་བ་གསར་སྤེལ། དྲྭ་ཚུགས་གསར་སྤེལ་སོགས་ཀྱི་ཞབས་ཞུ་རེ་བསྒྲུབ་ཀྱིན་ཡོད་པས་དགོས་མཁན་ཡོད་མཁན་གྱི་སྐུ་མགྲོན་དག་ཕེབས་བསུ་ཡོད།
བརྩེ་བའི་སྟངས་ཀ
ཕྲན་གྱི་མི་ལོ་བརྒྱད་ཡས་མས་ཀྱི་གཏམ་བརྒྱུད་ཉུང་ཤོས་ཤིག་དང་རྩོམ་ཉོག་རེ་བྲིས་པ་དག་མཉམ་དུ་བསྡུས་པའི་གློག་རྡུལ་དཔེ་དེབ་ཅིག་གོ།

遇见

相陪
有生之年,只诉温暖不言殇,倾心相遇,安暖相陪。
འབྲེལ་ཡོད་ཆ་འཕྲིན།
你的想法,值得被传递还没有发布任何博客文章。ལས་གཞིའི་ཁྱབ་ཁོང་།
ཇུས་འགོད།
བརྡ་ཁྱབ། ཕྱི་ཤོག ཟུང་རྟགས།
རྩོམ་སྒྲིག
དཔེ་ཆ། སྒྲ་སྒྲིག བརྙན་ཐུང་སྒྲིག་སྦྱོར།
གསར་སྤེལ།
བྱ་རིམ་ཆུང་བ། དྲྭ་ཚུགས།
བྱ་བའི་ལས་རིམ།
1 | མགྲོན་པའི་ལས་གཞི།
ལས་གཞིའི་ཁྱབ་ཁོང་གཏན་ཁེལ།
2 | བཟོ་གླ་གཏན་འབེབ།
བཟོ་གླ་གཏན་འབེབ་བམ་བཟོ་གླ་སྐུར་རྗེས་སུ་
3 |ལས་ཡུན་གཏན་ཁེལ།
འཆར་འགོད་ཀྱི་དུས་ཡུན་ལ་རིང་ཐུང་ཡོད་པས་མགྲོན་ལ་བསྟུན་དགོས་ཀྱང་།
ལ་ལ་ཞིག་ལེགས་པོ་ཡོང་སླད་དུ་འགྲོན་པོ་དང་གྲོས་མོལ་བྱས་ནས་ཐད་གཅོད་བྱེད་དགོས།
4 |བཟོ་བཅོས་ལས་རིམ།
མགྲོན་པོར་མཁོ་བའི་ལས་གཞི་ལེགས་འགྲུབ་བྱུང་རྗེས་སུ་
མགྲོན་པོའི་ཐུགས་མགུ་བ་བྱུང་ན་བཟོ་བཅོས་ཀྱི་ལས་རིམ་མེད།
5 |མི་སྒེར་གྱི་སྟེགས་བུར་ཁྱབ་བསྒྲག
ཀཱི་ལ་ཡ་འཆར་འགོད་ཀྱི་འབྲེལ་ཡོད་སྟེགས་བུ་སོ་སོའི་སྟེང་དུ་འགྲེམ་སྤེལ་བྱེད་པ།
产品展示
为每个产品添加详情和描述。
所有分类འཆར་འགོད།ཟུང་རྟགས།
查看更多详情...
ཀཱི་ལ་ཡ་འཆར་འགོད། © ༢༠༢༦